[92B] ཨཱརྱ་ཀྵི་ཏི་གརྦྷ་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སའི་སྙིང་པོའི་ མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཨོཾ་ སུཾ་བྷ་ནི་སུཾ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏ་སཱ་ཧཱ། དེ་ནས་ཡོན་ཏན་སྦྱིན་པ་ཡི། །གཟུངས་འདི་བཤད་མ་ཐག་ཏུ་ཡང། །རྡོ་རྗེའི་དཀྱིལ་འཁོར་ དམ་པ་ནི། །ཏི་སེའི་གངས་བཅས་གཡོས་པར་གྱུར། །ས་ཡི་སྙིང་པོ་ཚོགས་དབང་ལ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྨྲས། །སྐལ་ལྡན་ཆེན་པོ་ལེགས་སོ་ལེགས།། ས་སྟེང་ཁྱོད་ཀྱིས་ཡངས་པར་བྱས། །ཁྱོད་ཀྱི་གཟུངས་ནི་རྣམ་གྲགས་ཤིང། །ཡོན་ཏན་དཔག་མེད་མཆོག་སྐྱེད་པ། །སེམས་ཅན་ཀུན་གྱི་སྡུག་བསྔལ་དང། །ཉེས་པ་ཟློག་བྱེད་ཐོས་ [93A]༄༅། །པ་འདི༑ ༑འཁོར་བར་རབ་ཏུ་རྒྱུ་བ་ན། །ཉེས་པ་ཀུན་གྱིས་མི་གོས་ཏེ། །ཇི་ལྟར་འདམ་གྱི་པདྨ་དག་འདམ་གྱི་ཉེས་པས་མི་གོས་ བཞིན༑ ༑ལུས་ཅན་དག་ལས་སུ་ཡང་རུང། །ཁྱོད་ཀྱི་གསང་སྔགས་འཆང་བྱེད་པ། །དེ་དག་ལས་ནི་གཅིག་ཙམ་ཡང། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། ། མཁས་པ་གང་ཞིག་གཟུངས་སྔགས་མཆོག་ཐོས་ནས་མོས་པར་བྱེད་པ་དང། །ངེས་པར་ཡོན་ཏན་ཐམས་ཅད་ཀྱང། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། ། དེ་ནས་ཐམས་ཅད་ལྡན་པའི་འཁོར། །ལངས་ཏེས་ཡི་དབང་ཕྱུག་པོ་།ས་ཡི་སྙིང་པོ་ས་མཆོག་ལ། །མིང་བརྒྱ་རྩ་བརྒྱད་སྨྲས་པ་ནི། །ས་ཡི་སྙིང་པོ་གཙོ་བོ་ ཆེ༑ ༑གློག་འགྱུ་ལྟ་བུའི་སྤྱན་མངའ་བ། །ཅོད་པན་ཅན་ཏེ་ས་བརྙེས་པ། །ཕུན་སུམ་ཚོགས་ལྡན་འབྱོར་པ་མཆོག་རིག་ལྡན་རིག་མཛད་མཆོད་པའི་གནས། ། གཙོ་བོ་དགེ་སྦྱོང་སྟོན་པ་པོ། །གཞི་བཅས་ལྡན་པའི་ཀླུང་གི་ཚུལ། །སཱ་ཧཱའི་བློ་ལྡན་སྙིང་རྗེའི་རབ། །ཐམས་ཅད་མཁྱེན་པ་ཉི་མའི་མཆོག་སྙིང་པོ་སྙིང་པོ་མཁྱེན་ པར་གྲགས། །གསང་སྔགས་རོལ་ཅིང་རྒྱ་ཆེར་རོལ། །ས་ཡི་དབང་ཕྱུག་གར་ཐབས་ཅན། །སྒེག་པོ་ཞལ་བཟང་གར་མཁན་ལྡན། །འབྲས་བུ་མངོན་སུམ་སྟོན་པ་ [93B] ༑རབ་འབྱོར་བློ་གྲོས་སྙིང་པོ་མཁྱེན། །སྙིང་པོ་བརྙེས་པ་འཇིགས་པ་མེད། །མགོན་པོ་སངས་རྒྱས་གཟུགས་མངའ་བ། །ཤེས་རབ་ཀྱིས་ནི་མ་ལུས་གཟིགས། ། འདོད་ཆགས་ལ་སོགས་སྐྱོན་བསལ་ཞིང། །གར་སྟབས་ཆེན་པོ་སྟོན་པ་པོ། །སྟོན་པ་དཔག་བསམ་ཤིང་དང་འདྲ། །ནམ་མཁའི་དབང་ཕྱུག་གསུང་སྙན་པ། །ཉི་མ་ ཆེན་པོ་ཉིད་ཡིན་ཏེ། །དབང་ཕྱུག་ཆེན་པོ་འབར་བས་བསྐོར། །ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ། །ས་ཡི་དབང་ཕྱུག་སྤྱོད་ཡུལ་ཅན་།ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོད་ ཆེ༑ ༑ཡོན་ཏན་རྒྱ་མཚོའི་གང་ཆེན་མཚོ། །ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག་ཐབས་ཚུལ་ཟབ་ལ་མཁས་པ་སྟེ། ། ཐེག་པ་ཆེན་པོ་འཇིགས་པ་མེད། །མཆོད་པ་ཆེན་པོ་སྒྲ་ཆེ་བ། །ཟླ་ལྟར་གྲགས་པའི་དཀྱིལ་འཁོར་ཅན། །རྡོ་རྗེ་འཆང་ཆེན་མཚོན་བརྒྱ་པ། །རྡོ་རྗེའི་དཀྱིལ་འཁོར་ མེ་ཏོག་ཐོད། །བློ་གྲོས་ཆེན་པོ་ཕྱག་རིང་བ། །པདྨ་ཆེན་པོ་སྟོབས་པོ་ཆེ། །སྔགས་འཆང་ཆེན་པོ་སྟོབས་ཆེར་ལྡན། །ས་གཞི་ཆེན་པོ་ལྷུན་པོ་ལགས། །ལག་ན་ རྡོ་རྗེ་ཡོན་ཏན་ངེས། །ནོར་བུའི་མེ་ཏོག་ཐོད་ཀྱིས་བརྒྱན། །མཉམ་ཉིད་འབྱམས་ལ་ལོངས་སྤྱོད་པ། །རྒྱ་ཆེན་ཞིང་གི་རྒྱ་མཚོ་ཅན་།རྡོ་རྗེའི་འོད་མངའ་རྡོ་རྗེ་ལྡན། །ས་ཡི་ [94A]༄༅། །བདག་པོ་ལྷུན་པོ་བཞིན། །ས་ལ་ལོངས་སྤྱོད་ལོངས་སྤྱོད་ཆེ། །མཚོན་ཆ་གཡོ་བ་ཕུན་ཚུན་ཚོགས། །རབ་འབྱམས་སྣོད་ནི་རྣམ་ པར་གྲགས། །སྨྲ་མཁས་རྡོ་རྗེ་རབ་འཇོམས་པ། །སྤྱན་རྩ་ཡིད་ཙམ་དམར་བ་སྟེ། །མེ་ཏོག་སྔོན་པོའི་ཐོད་ཀྱིས་བཅིངས། །སྤྲོ་བ་ཆེན་པོ་ཕྱག་རིང་བ། །བརྟན་ པོ་བརྟན་ལ་བདེ་སྦྱིན་པ། །དེད་དཔོན་དཔལ་བཟང་ཆེན་པོ་སྟེ་།གངས་ཅན་ལྷུན་པོ་ལྟ་བུ་ལགས། །དབང་པོ་གཤིན་རྗེ་རྒྱལ་ཆེན་དང། །བཙན་པོ་ཁྱབ་ འཇུག་སྟོབས་དབང་ཕྱུག་འཇིག་རྟེན་མཆོག་རིགས་སངས་རྒྱས་ཚངས་།དེ་བཞིན་ཉིད་ཚུལ་སྤྱོད་ཡུལ་ཅན། །རིན་ཆེན་ཏོག་སྟེ་ཆེར་བཞད་པ། །དགྱེས་པ་ ན་བཟའ་སྣ་ཚོགས་གསོལ། །གཟིགས་པ་རིང་པ་སྤྱན་ཡངས་པ། །ནམ་མཁའ་བཞིན་དུ་ཐོགས་པ་མེད། །ཐོགས་པ་མི་དཔོག་རིན་ཆེན་གཙུག་།སྲིད་ གསུམ་འདོད་པ་མེད་པའི་རྒྱུ། །དུལ་བ་ཉོན་མོངས་དྲི་མ་བསལ། །དག་པ་གཙང་མ་གསོ་སྦྱོང་ཅན། །རྣམ་པར་གནོན་པ་ཡུལ་ལས་འདས་།ལྗང་མདོག་ སྐྱབས་མཛད་སྙིང་རྗེ་ཆེ། །སྟོབས་ཀྱིས་གྲགས་པ་རྒྱ་ཆེ་བ་།བསམས་ན་ཤེས་པའི་སྤྱོད་ཡུལ་ཅན། །དཔའ་བོ་སེངྒེ་འཇིགས་པར་བྱེད། །སྡང་བ་རྣམས་ཀྱི་སྙིང་ [94B] །མངའ་བདག་གྲགས་པ་ཡུལ་དང་ལྡན། །དགའ་བ་རྒྱལ་ཆེར་རབ་འབྱུང་བ། །རིགས་མཁྱེན་རིགས་ཀྱི་སྙིང་པོ་མཁྱེན། །རིགས་ཀུན་ཏུ་ནི་མཆོད་པ་ལགས་ རྒྱལ་པོ་རིགས་མཆོད་སྐྱེད་པའི་རྟེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེ་ས་འོག་རབ་གྲགས་པ། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །མངོན་པར་འཕགས་པ་ ཁྱད་པར་མཆོག་མགྲིན་བཟང་ནད་དང་བྲལ་བ་ལགས། །སྐྱོང་མཛད་སྟོན་པ་དག་པ་སྟེ། །སངས་རྒྱས་ལམ་ནི་རབ་སྟོན་པ། །སྒྲོལ་པ་སྨིན་མཛད་སྡུད་པར་ མཛད༑ ༑དཀྱིལ་འཁོར་མ་ལུས་རྣམས་ཀྱིས་བཏུད། །རབ་ཞུགས་དཀྱིལ་འཁོར་རྣམས་ལ་མཁས། །རྡོ་རྗེའི་སློབ་དཔོན་ཡོན་ཏན་རྟེན། །གྲུབ་པ་སྦྱིན་པ་རྣམ་ དག་མཆོག་ཚུལ་དང་ཚུལ་མིན་རྟོགས་པ་པོ། །དཀྱིལ་འཁོར་རྩ་སེར་མངའ་བ་སྟེ། །འོད་ཟེར་ལྗང་གུའི་འོད་དང་འདྲ། །སེར་ལ་ན་བཟའ་སེར་པོ་མནབས། །དཀྱིལ་ འཁོར་མ་ལུས་ཀུན་གྱིས་བརྒྱན། །སྤྱན་རྩ་དམར་བ་ཟླ་བའི་དཔལ་།ནོར་བུ་སྣ་ཚོགས་འོད་འབྱུང་བ། །རྡོ་རྗེ་བརྒྱ་ཡི་སྟོབས་ཀྱིས་སྤྲོ། །མཉམ་ཉིད་མཉམ་པ་ དྲི་མ་མེད། །སྐུ་ཡང་དག་ཅིང་ན་བཟའ་དག་དག་པ་མཁྱེན་ཅིང་དག་པར་ལྡན། །དག་པའི་ཆོས་མངའ་སྣང་བ་སྟེ། །འབྱུང་ལྡན་སྲེག་པ་སེལ་མཛད་པ། །འཁོར་བ་ [95A]༄༅། །ཟད་མཛད་ཤེས་རབ་ཅན། །ཚུལ་ཤེས་ཚུལ་ལ་སྤྱོད་ཡུལ་བ་།རྡོ་རྗེ་རྒྱ་མཚོའི་སྙིང་པོ་ལགས། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འབྱུང་ ལྡན་རབ་འབྱམས་ཤེས་རབ་ཅན། །མ་ལུས་གྲགས་པའི་འོད་བཟང་བ་།ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་རྣམ་པར་འདྲེན། །དཔག་ཏུ་མེད་པ་དཔག་མེད་ རྫོགས༑ ༑ཁྱད་པར་འཕགས་པའི་ཡུལ་ལ་གནས། །ཟབ་ཅིང་གསལ་བའི་གཙོ་བོ་སྟེ། །ཟླ་བའི་དཀྱིལ་འཁོར་འོད་ཟེར་བསིལ། །དགའ་དད་དང་བ་སྐྱེད་པ་སྟེ།། ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་བ། །རླུང་གི་དྲག་ཤུལ་ལྟ་བུར་གྲགས། །དྲག་པོ་ལགས་ཏེ་དྲག་སེལ་གཙང། །རྒྱལ་བར་བྱེད་ཅིང་རྒྱལ་ལ་ཞི། །རྒྱལ་བའི་དཔལ་ མཛད་དགའ་བར་མཛད། །ལྷུན་པོ་ཏི་སེ་མ་ལ་ཡས། །སྤྱོད་ཡུལ་ཟབ་མོ་ནོན་པ་སྟེ། །རིན་ཆེན་རྡོ་རྗེ་སྙིང་པོ་ཆེ། །ས་གཞི་སྤྱོད་ཡུལ་མངའ་བ་ལགས། །རིན་ཆེན་ བྲག་ལས་བྱུང་བའི་འོད། །རྡོ་རྗེ་དཀྱིལ་འཁོར་དག་གིས་བརྒྱན། །དེ་བཞིན་གཤེགས་པ་ལྷུར་དགྱེས་པ། །ཤུགས་དྲག་དཔལ་གྱི་གཞི་རྟེན་ལགས། །རབ་གསལ་ དཔལ་མཛད་གཙང་མ་སྟེ། །ཕྱོགས་ཆའི་དབང་ཕྱུག་དབང་ཕྱུག་ཆེ། །དེ་ལྟར་རྡོ་རྗེ་འཆང་ཆེན་ལ། །མིང་བརྒྱ་རྩ་བརྒྱད་མཆོག་རྣམས་ཀྱིས། །རྡོ་རྗེ་སེམས་དཔས་བསྟོད་ [95B] ༑རྡོ་རྗེ་ས་གསུམ་དབང་མཆོག་སྨྲས། །ཡོན་ཏན་སྙིང་པོ་ཤེས་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་མཆོག་བརྗོད་ཅིང་།ཉེས་པ་ཟློག་པ་འདི་ལས་གཞན། །ས་ ཡི་སྟེང་ན་ངས་མ་མཐོང། །མིང་བརྒྱ་རྩ་བརྒྱད་དམ་པ་འདི་།ཐམས་ཅད་འགྲུབ་བྱེད་དགའ་བ་སྟེ། །སྡིག་པ་ཐམས་ཅད་སེལ་བ་དང། །དྲི་མ་ཀུན་བྲལ་ཡོན་ཏན་དེས།། དེ་ཕྱིར་སྒྲིམ་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་འདོད་པའི་མིས། །མིང་བརྒྱ་རྩ་བརྒྱད་དགེ་བ་འདི། །རྟག་ཏུ་ཡང་ནི་བརྗོད་པར་གྱིས། མིང་བརྒྱ་རྩ་བརྒྱད་དམ་པ་ འདི༑ ༑བསམ་པ་ཀུན་དང་འབྱོར་བ་ཡི། །གནས་མཆོག་བླ་ན་མེད་པ་སྟེ། །དཔལ་ཡོན་རྒྱ་ཆེན་སྦྱིན་པ་ཡི། །ཡིད་ནི་ཤིན་ཏུ་དང་བ་ཡིས། །ས་ཡི་སྙིང་པོ་མཚན་ གསལ་བ། །འདོད་པ་ཐམས་ཅད་རབ་སྒྲུབ་པའི། །ཡོན་ཏན་མཆོག་ནི་གང་བརྗོད་དང། །དཔལ་ཡོན་རྒྱ་ཆར་འཛིན་པ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །མི་ནི་གང་ ཅྕྮིག་རྗོད་བྱེད་པ། །སྡུག་བསྔལ་ཀུན་ལས་མྱུར་དུ་གྲོལ། །འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །།